Scout Investiture Ceremony 2019

Scout Investiture Ceremony 2019

༉ དབྱིན་ཟླ་༥པའི་དབྱིན་ཚེས་༢༥རེ་གཟའ་ཉིམ་ལུ་ བསམ་གཏན་སྒང་སློབ་གྲྭ་ལྟེ་བ་ནང་ལུ་ སི་ཀའུཊ་ཁྲི་འདོན་གྱི་མཛད་སྒོའི་ལས་རིམ་ ཅིག་ སློབ་གྲྭའི་སི་ཀའུཊ་འགོ་འཁྲིདཔ་ཚུ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན། འདི་གི་སྐབས་ལུ་ སློབ་གྲྭའི་དབུ་འཛིན་དང་ སློབ་ དཔོན་ ལས་བྱེདཔ་ཡོངས་ཀྱིས་ བཅའ་མར་གཏོགས་ཏེ་ སི་ཀའུཊ་སུམ་བརྒྱ་ལྷག་ཙམ་གིས་ སི་ཀའུཊ་གི་སྐེ་དར་ཚུ་ སློབ་དབུ་འཛིན་ ལས་ཞུ་ཡོདཔ་ཨིན།

ལས་རིམ་འདི་ འགོ་ཐོག་དང་པ་ར་ རྒྱལ་ཡོངས་བརྟན་བཞུགས་ཀྱིས་ འགོ་བཙུགས་ཏེ་ སི་ཀའུཊ་གི་གནས་སྒར་བརྟན་བཞུགས་ དེ་ལས་ སློབ་གྲྭའི་དབུ་འཛིན་ཧོངས་ལས་ སི་ཀའུཊ་གི་ལས་རིམ་འདི་ འགོ་ཐོག་གཞི་བཙུགས་ཚུལ་དང་ སི་ཀའུཊ་ནང་འཛུལ་ཞིནམ་ ལས་ རང་སོའི་དམིགས་པ་དང་ དམིགས་གཏད་ མི་ཚེ་ནང་ལཱ་འབད་ཐངས་ལསོགས་པ་ ག་དེ་སྦེ་འབད་དགོཔ་ཨིན་ན་ཚུ་ གོ་རིམ་ བཞིན་དུ་ གསུངས་གནང་ཡི། དེ་བཟུམ་སྦེ་ སི་ཀའུཊ་རྒསཔ་ཚུ་གིས་ཡང་ ལས་རིམ་འདི་ནང་འཛུལ་མི་ཚུ་ལུ་ འབྱོན་་པ་ལེགས་སོ་ ཡོད་ལུགས་དང་ ལས་རིམ་འདི་ནང་ སྤྲོ་བ་དང་རྒྱབ་སྐྱོར་ལ་སོགས་པ་ ག་དེ་སྦེ་ར་ཡོདཔ་ཨིན་ན་ཚུ་ གསལ་བཤད་ཞུ་ཡི།

དེ་ལས་ གོ་རིམ་བཞིན་དུ་ སི་ཀའུཊ་ནང་འཛུལ་བཞུགས་འབད་མི་ སི་ཀའུཊ་རྒསཔ་དང་གསརཔ་གེ་ར་ རང་སོའི་དྲིལ་གྱི་ཐོག་ལས་ སྐེ་དར་ཚུ་ཞུ་ འབྲུག་པའི་རྒྱལ་དར་སྦོག་ལོག་ཁར་ལས་ ཁས་བླངས་དམ་བཅའ་ཚུ་ཡང་ ཕུལ་ཡོདཔ་ཨིན། དེ་གི་ཤུལ་ལས་ སི་ཀའུཊ་ ཚུ་གིས་ ཁོང་གི་ཞབས་ཁྲ་དང་ རྩེདམོ་གི་རིགས་རྣམ་པ་སྣ་ཚོགས་བཏོན་ཏེ་ ལས་རིམ་འདི་མཇུག་བསྡུ་ཡོདཔ་ཨིན།

སི་ཀའུཊ་གི་ལས་རིམ་འདི་ མི་དབང་མངའ་བདག་རིན་པོ་ཆེའི་ གཞི་བཙུགས་མཛད་དེ་ འབྲུག་རྒྱལ་ཁབ་ཀྱི་ སློབ་གྲྭ་མཐའ་དབུས་ མེད་པ་ནང་ ལས་རིམ་འདི་འགོ་འདྲེན་འཐབ་སྟེ་ར་ཡོདཔ་ཨིན་མས།

Leave a Reply