School Sports Meet 2019

School Sports Meet 2019

༉ དབྱིན་ཟླ་༤པའི་དབྱིན་ཚེས་༢༠རེ་གཟའ་ཉིམ་ལུ་ བསམ་གཏན་སྒང་སློབ་གྲྭ་ལྟེ་བའི་ རྩེད་ཐང་ནང་ལུ་ ལོ་བསྟར་བརྩི་སྲོལ་ཡོད་པའི་ སློབ་གྲྭའི་རྩེད་རིགས་ཉིནམ་ བརྩི་སྲུང་ཞུ་ཡོདཔ་ཨིན། འདི་གི་སྐབས་ལུ་ སྐུ་མགྲོན་གཙོ་བོ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ ཤེས་རིག་ གཙོ་འཛིན་འགོ་དཔོན་མཆོག་ བྱོན་ཡོདཔ་ཨིན། རྩེད་རིག་འདི་གཙོ་བོ་ར་ སློབ་ཕྲུག་ཕོ་མོའི་རྒྱུད་ལུ་ གཟུགས་ཁམས་སྒྲིང་སྒྲིང་ བཞག་ ཐབས་ཀྱི་དོན་ལུ་དང་ ཀུན་ཚང་ཤེས་ཡོན་གྱི་ཡོན་ཏན་ཚུ་ སྤེལ་ཐབས་ཀྱིས་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་མས།

ལས་རིམ་འདི་གི་སྐབས་ལུ་ དྲོ་པ་ཆུ་ཚོད་༩:༥༠དེ་ཅིག་ཁར་ སྐུ་མགྲོན་གཙོ་བོ་བྱོན་པའི་སྐབས་ སློབ་གྲྭའི་དབུ་འཛིན་གོང་འོག་གི་ དབུ་ གཙོས་པའི་སློབ་དཔོན་དང་ ལས་བྱེདཔ་ཕོ་མོ་ཡོངས་ཀྱིས་ བསུ་བ་མཛད་ཡོདཔ་ཨིན། དེ་ལས་ སྐུ་མགྲོན་གཙོ་བོ་མཆོག་ རྩེད་ཐང་ནང་ གདན་འདྲེན་ཞུ་ཞིནམ་ལས་ འབྲུག་གི་རྒྱལ་དར་ གནམ་མཁའ་འཕྱར་ཏེ་ རྒྱལ་ཡོངས་བརྟན་བཞུགས་ཕུལ་བའི་ཤུལ་ལུ་ སྐུ་མགྲོན་ མཆོག་ སྐུ་ཚེ་ཞབས་པད་བརྟན་ཐབས་ལུ་ མར་ཆར་གྱིས་ཕུད་ གཏོར་གནང་ཡོདཔ་ཨིན།

དེ་ལས་ སློབ་གྲྭའི་དབུ་འཛིན་གྱིས་ འབྱོན་པ་ལེགས་སོའི་ གསལ་བཤད་གནང་པའི་ཤུལ་ལུ་ སྐུ་མགྲོན་གཙོ་བོ་གིས་ གསུང་བཤད་ནང་ གཙོ་བོ་ར་སྤྱིར་བཏང་ རྩེད་རིགས་ཁག་ཆེ་བའི་བསྐོར་ལས་དང་ ལྷག་པར་དུ་ སློབ་ཕྲུག་འབད་བའི་སྐབས་ དྲིན་ཆེའི་ཡུལ་ལེ་ཤ་ཡོད་མི་ ལས་ གསུམ་ངོས་འཛིན་འབད་དེ་ བཀའ་དྲིན་བསམ་དགོཔ་ཚུ་ གསུངས་གནང་ཡི། དེ་ཡང་ དང་པ་མི་དབང་མངའ་བདག་རིན་པོ་ཆེ་ མཆོག་གི་ཐུགས་རྗེ་ བྱིན་རླབས་ལས་ འབྲུག་ཡུལ་འདི་ནང་ དགའ་སྐྱིད་རྒྱུད་མ་ཆད་པར་ བྱུངམ་ལས་ བཀའ་དྲིན་བསམ་དགོཔ། དེ་བཟུམ་སྦེ་ དྲིན་ཆེན་གཉིས་པ་འདི་ རང་སོའི་དྲིན་ཆེན་ཕམ་གཉིས་ལུ་ ཞབས་ཏོག་ག་དེ་དྲག་དྲག་ཞུ་དགོ་པའི་བསྐོར་ལས་དང་ གསུམ་ པ་ནང་ལུ་འབད་བ་ཅིན་ ཆོས་ཡོན་ཏན་སྟོན་མི་ སློབ་དཔོན་ཚུ་ལུ་ བཀའ་དྲིན་བསམ་ཤེས་དགོ་ཟེར་གསུངས་ཡོདཔ་ཨིན།

ནི་བཟུམ་སྦེ་ ང་བཅས་གེ་ར་དྲིན་ཆེན་ཨའི་གི་སྐྱེས་ཡོད་རུང་ ལ་ལུ་བྱ་རིམ་ ལ་ལུ་རིངམོ་ ལ་ལུ་ཐུང་ཀུ་ལ་སོགས་པ་ མ་འདྲཝ་ཡོད་མི་ ཚུ་ ཚེ་ཧེ་མ་ཚོགས་བསགསཔ་དང་ མ་བསགས་པའི་ཁྱད་པར་ཨིནམ་ལས་ ཚོགས་བསགས་ནི་ལུ་ གཙོ་བོ་བཏོན་དགོ་པའི་སྐོར་ལས་ ཡང་ གསུངས་ཡི། དེ་ལས་ རང་ལུགས་ལམ་སྲོལ་གྱི་ཞབས་ཁྲ་དང་ རྩེདམ་གི་རིགས་ཚུ་ རིམ་པ་བཞིན་དུ་ འགོ་བཙུ་གས་ཡོདཔ་ཨིན། འདི་ནང་ལུ་ སློབ་རིམ་ཆུང་བའི་སློབ་ཕྲུག་ཚུ་གི་ཡང་ རྩེདཔ་གི་རིགས་མ་འདྲཝ་ ལེ་ཤ་ནང་བཅའ་མར་གཏོགས་ཏེ་ གསལ་རས་ཚུ་ཡང་ ལེ་ཤ་ལེན་ ཡོདཔ་ཨིན། མཇུག་ར་ རྕེད་རིགས་ཀྱི་ཉིནམ་འདི་ རྒྱལ་ཁ་ཐོབ་མི་ཚུ་ལུ་ གསོལ་རས་དང་ ལག་ཁྱེར་ཚུ་ སྐུ་མགྲོན་ཚུ་ལས་ཞུ་སྟེ་ ཉིནམ་འདི་ མཇུག་བསྡུ་ཡོདཔ་ཨིན་མས།

བཀའ་དྲིན་ཆེ།

Leave a Reply