His Majesty’s 39th Birthday Celebration

His Majesty’s 39th Birthday Celebration

On the joyous occasion of our beloved Druk Gyalpo’s Birth anniversary, we would like to join the nation in offering prayers, respects, love and gratitude to our beloved King. We would like to offer our sincere wishes for His Majesty’s good health and well-being.

༉ ང་བཅས་རའི་ སྤྱི་ནོར་དམ་པ་ དཔལ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་༣༩བཞེས་པའི་ འཁྲུངས་སྐར་ དུས་ སྟོན་འདི་ བསམ་གཏན་སྒང་སློབ་གྲྭ་ལྟེ་བའི་རྩེད་ཐང་ལུ་སྦེ་ དགའ་སྟོན་བརྩི་སྲུང་ཞུ་ཡི། འདི་གི་སྐབས་ལུ་ སྐུ་མགྲོན་གཙོ་བོ་ དབང་ འདུས་རྫོང་ཁག་ ཉི་ཤུ་རྒེད་འོག་གི་རྒཔོ་མཆོག་གི་ དབུ་གཙོས་པའི་ རྒེད་འོག་གི་ལས་བྱེདཔ་ཡོངས་དང་ ལས་སྡེ་དང་ལས་ཁུངས་ ཁག་གི་འགོ་དཔོན་ཚུ་ དེ་ལས་ཨ་ལོའི་ཕམ་ཚུ་གི་ཡང་ སྤྲོ་སྣང་དང་དགའ་ཚོར་གྱི་ཐོག་ལས་ ལུས་ལུ་བཟང་བགོ་སྒྲིགས་ཏེ་ བཅའ་མར་ གཏོགས་པར་ བྱོན་ཡོདཔ་ཨིན།

ལས་རིམ་འདི་ དྲོ་པ་ཆུ་ཚོད་༩དང་སྐར་མ་༣༠དེ་ཅིག་ཁར་ སྐུ་མགྲོན་གཙོ་བོ་མཆོག་ བསམ་གཏན་སྒང་སློབ་་གྲྭའི་ སློབ་དབུ་འཛིན་གྱི་ གཙོས་པའི་ སློབ་དཔོན་དང་ལས་བྱེདཔ་ཚུ་གིས་ ཕེབས་བསུ་ཞུ་སྟེ་ སྤྱི་དོན་ཁང་གི་ མཆོད་གཤམ་ནང་ དཀར་མེ་༡༠༨སྨོན་ལམ་ བཏབ་སྟེ་ ཕུལ་ཡོདཔ་ཨིན། དེ་ལས་ སྐུ་མགྲོན་གཙོ་བོ་གི་གཙོས་པའི་ སྐུ་མགྲོན་ཚུ་རྩེད་ཐང་ནང་ བྱོན་ཞིནམ་ལས་ འབྲུག་གི་རྒྱལ་ དར་ཕབ་སྟེ་ རྒྱལ་ཡོངས་བརྟན་བཞུགས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བརྟན་ནི་དོན་ལུ་ སྐུ་མགྲོན་དང་ སློབ་དཔོན་ ཕམ་དང་སློབ་ཕྲུག་གེ་གིས་ མགྲིན་གཅིག་དབྱངས་གཅིག་གི་ ཐོགས་ལས་ ཞབས་བརྟན་འདི་ ཕུལ་ཡོདཔ་ཨིན།

འདི་གི་ཤུལ་ལས་ མར་དང་ཆང་གི་མཆོད་པ་ཚུ་ གོ་རིམ་བཞིན་དུ་་གཏོར་ཞིནམ་ལས་ སློབ་དབུ་འཛིན་གྱི་ འབྱོན་པ་ལེགས་སོའི་ གསལ་བཤད་དང་ ད་རེས་ཀྱི་ཉིནམ་འདི་ནང་ ང་བཅས་གེ་ར་རྩེད་ཐང་ནང་ འཛོམས་དགོ་པའི་གནད་དོན་གཙོ་བོ་ ག་ཅི་ཨིན་ན?དང་ སྨོན་ལམ་ཚུ་ ག་དེ་སྦེ་ར་བཏབ་དགོཔ་ཨིན་ན? ལ་སོགས་པའི་ བཀའ་སློབ་ཚུ་ སྐུ་མགྲོན་གཙོ་བོ་གིས་ གནང་ཡོདཔ་ཨིན།

དེ་ལས་ སློབ་ཕྲུག་ཚུ་གི་ལགཔ་ཁར་ མི་དབང་མཆོག་གི་སྐུ་པར་དང་ སྙན་པའི་སྙན་ཚིག་་ཚུ་ བརྡ་བྱང་གུ་བྲིས་ཏེ་ མི་དབང་མཆོག་ལུ་ རུ་སྒྲིག་ཐོག་ལས་ ཏི་སྭ་ཞུ་ཡོདཔ་ཨིན། དེ་མ་ཚད་ རུ་སྒྲིག་གི་སྐབས་ལུ་ འབྲུག་ཙན་དན་བཀོད་པའི་རྒྱལ་ཁབ་ནང་། དགྲ་ཡི་ཕྱོགས་ ལས་རྣམ་པར་རྒྱལ། ཆོས་སྲིད་གཉིས་ཀྱི་ལོངས་སྤྱོད་འདི། ཟེར་མི་འདི་ ཐང་ལྟེམ་ལྟེམ་ དཔག་ཉམས་ཀྱི་གོ་ལས་ ཐོན་ཡོདཔ་ཨིན། དེ་བཟུམ་སྦེ་ དགའ་སྟོན་སྐབས་སུ་ སློབ་དཔོན་དང་སློབ་ཕྲུག་ སྐུ་མགྲོན་ཚུ་གིས་ རང་ལུགས་ཞབས་བྲོའི་ལས་རིམ་ རྣམ་པ་སྣ་ཚོགས་ ཕུལ་བའི་མཇུག་ལུ་ བཀྲིས་ལེགས་པའི་སྨོན་འདེབས་ཞུ་སྟེ རྩེད་ཐང་ནང་ལུ་ སློབ་ཀུན་བཟང་དབང་འདུས་ཀྱིས་ བཀའ་དྲིན་དགའ་ཚོར་ གྱི་གསལ་བཤད་ཕུལ་ཏེ་ ལས་རིམ་མཇུག་བསྡུ་ཡོདཔ་ཨིན་མས། ཨིན་རུང་ ཉིན་མའི་གསོལཝ་ མ་བཞེས་པའི་སྔོན་ལུ་ སློབ་དཔོན་ དང་སློབ་ཕྲུག་ཚུ་གིས་ ཕྱག་བརྡར་གྱི་ལས་་རིམ་ནང་ བཅའ་མར་གཏོགས་ཏེ་ ཉིན་མའི་ཆུ་ཚོད་༡;༣༠དེ་ཅིག་ཁར་ ཉིན་མའི་གསོལཝ་ བཞེས་ཏེ་ ལས་རིམ་མཇུག་བསྡུ་ཡོདཔ་ཨིན་མས། བཀའ་དྲིན་ཆེ།

Leave a Reply